ཨ་རིའི་གཞུང་གིས་ཡུཀ་རཎ་ལ་མཚོན་ཆ་མཁོད་སྤྲོད་རོགས་རམ།

སྲིད་འཛིན་ཨོ་བྷ་མས་ རྒྱལ་འབྲེལ་གྱི་ཐབས་ལམ་བརྒྱུད་ཡུཀ་རཎ་གྱི་དཀའ་རྙོག་སེལ་མ་ཐུབ་ ཚེ་གཏོར་སྐྱོན་ཚབས་ཆེ་གཏོང་ཐུབ་པའི་མཚོན་ཆ་གྱི་རོགས་རམ་སྤྲོད་མིན་བསམ་་ཞིབ་བྱེད་བཞིན་ཡོད་ཅེས་གསུངས་འདུག།གཟའ་ཟླ་བའི་ཉིན་ཨ་རི་དང་འཇར་མཎ་གྱི་སྲིད་འཛིན་མཇལ་འཕྲད་ གནང་པ་དང་བསྟུན་ལྷན་དུ་གསར་འགོད་སྐོང་ཚོགས་གནང་སྐབས་ཨ་རིའི་སྲིད་འཛིན་གྱིས་ དཀའ་རྙོག་སེལ་རྒྱུའི་ཞི་བའི་གྲོས་མཐུན་ལ་ར་ཤི་ཡའི་གཞུང་གིས་རྩིས་མེད་བཏང་སོང་ཅེས་ གསུངས་འདུག།འཇར་མཎ་སྲིད་འཛིན་གྱིས་ཤར་ཕྱོགས་ཡུཀ་རཎ་གྱི་དཀའ་རྙོག་སེལ་ཆེད་སྲིད་འཛིན་ཨོ་བྷ་མས་ཐག་གཅོད་ཇི་ལྟར་གནང་མིན་ལ་མ་ལྟོས་པར་དམག་གི་ཐབས་ལམ་ལ་ནུས་པ་ཡོད་པ་གཟིགས་ཀྱི་མེད་པ་རེད། དེའི་རིང་ཤར་ཕྱོགས་ས་གནས་ཞིག་ཏུ་དམག་འཐབ་མུ་མཐུད་བཞིན་ ཡོད་པ་རེད།

Your browser doesn’t support HTML5

ཨ་རིའི་གཞུང་གིས་ཡུཀ་རཎ་ལ་གཏོར་ཚབས་ཆེ་བའི་མཚོན་ཆ་མཁོད་སྤྲོད་རོགས་རམ།