རྒྱ་གར་གྱི་སྲིད་བློན་ཕྱི་ཟླ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ།

India's Prime Minister Narendra Modi, right, and China's President Xi Jinping wave to the media during a photo opportunity ahead of their meeting at Hyderabad House in New Delhi, Sept. 18, 2014.

རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ལྕམ་སུཤ་མཱ་ སཱ་ཝ་རཇ་ རྒྱ་ནག་ཏུ་ཕེབས་ཏེ། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡཱི་དང་མཇལ་འཛོམས་གྲོས་མོལ་མ་གནང་གོང་། གཟའ་ཉི་མའི་ཉིན་པེ་ཅིང་དུ་གསར་འགོད་པ་ཚོར་གཏམ་བཤད་གནང་སྟེ། འདི་ལོའི་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་རྩ་དྲུག་གི་གོང་ལ། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དྷི་རཱ མཱོ་དྷི་མཆོག་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་དང་། ད་རེས་ངོས་རང་འདི་གར་ཡོང་དོན་གཙོ་བོ་སྲིད་བློན་མཆོག་གི་འཚམས་འདྲིའི་གྲ་སྒྲིག་ལས་དོན་བྱ་རྒྱུ་དང་། གཞན་ཡང་། སྐབས་དེ་དུས་རྒྱ་གར་གྱི་ཧིན་རྡུ་ཆོས་བྱེད་པ་རྣམས་བོད་དུ་ཡོད་པའི་སྟོད་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་མཇལ་དུ་གནས་སྐོར་ལ་བསྐྱོད་རྒྱུའི་དུས་ཚོད་ཅིག་ཀྱང་འཁེལ་གྱི་ཡོད་པས། གནས་སྐོར་བ་རྣམས་སྐྱོད་སའི་ལམ་གསར་པ་སྒོ་འབྱེད་བྱ་རྒྱུའི་ཐད་ལའང་གྲོས་མོལ་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་ནི་སྐུ་ཞབས་མཱོ་དྷི་མཆོག་གིས་ སྔ་ལོ་རྒྱ་གར་གྱི་སྲིད་བློན་གྱི་མཛད་འཁུར་བཞེས་པ་ནས་བཟུང་། རྒྱ་ནག་ལ་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་ཞིང་། འཚམས་འདྲི་དེའི་སྐབས། ཁོང་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་། ས་མཚསམ་ཀྱི་གནད་དོན་ཐད་ལའང་གྲོས་མོལ་ལྷུག་པོ་གནང་རྒྱུའི་འཆར་གཞི་ཡོད་ལུགས་ལྕམ་སཱ་ཝ་རཇ་ཡིས་འགྲེལ་བརྗོད་གནང་ཡོད་འདུག