བསྟན་འཛིན་ནོར་བུ།

Your browser doesn’t support HTML5

༡༩༨༧ ནང་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་སྐབས་ནང་མིས་རེ་བ་བཅོལ་བ་བཞིན་སྨན་པ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་ཀྱང་། རྡ་རམ་ས་ལར་འབྱོར་མ་ཐག་ལྷ་བྲིས་དགེ་རྒན་ཞིག་ལ་མཇལ་ཏེ་མདུན་ལམ་སློབ་གཉེར་བྱེད་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ལྷ་བྲིས་པ་བྱས་ཏེ་ ༢༤ ཕྱིན་པའི་རིང་དགེ་རྒན་དང་མཉམ་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཐང་བཞེངས་པ་དེ་ཁོང་གི་བྱས་རྗེས་ཆེ་ཤོས་ལ་ངོས་འཛིན་བྱེད་བཞིན་འདུག ཁོང་ནི་གཞི་རྩའི་ཆ་ནས་སྨན་ཐང་ལུགས་ཀྱི་ལྷ་བྲིས་པ་ཞིག་ཡིན།