ཡུ་གུར་བའི་དཔོན་རིགས་དང་ཤིན་ཅང་སྲིད་ཇུས།

Your browser doesn’t support HTML5

ཤིན་ཅང་ངམ་ཤར་ཏིར་ཀི་སི་ཏན་ནང་ཉེ་ཆར་ཡུ་གུར་བའི་འགོ་ཁྲིད་ཁ་ཤས་ཤིག་གི་གོ་གནས་ཡར་སྤར་བ་དང་། དེ་བཞིན་དུ་ཁག་ཅིག་གི་གོ་གནས་མར་ཕབ་པའི་གནས་ཚུལ་བྱུང་ཡོད་པ་དེ་དག་གི་ཤུགས་བསྟན་ག་རེ་ཡིན་པ། ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་འགྱུར་ལྡོག་ཡོང་བཞིན་པའི་རྟགས་མཚན་ཡིན་མིན་གྱི་ཐད་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་བགྲོ་གླེང་ཞུས་ཡོད།།