༧གོང་ས་མཆོག་མ་ཐཱར་ཀྲེ་ར་སའི་བཞུགས་གནས་པ་ཆིབས་སྒྱུར་མཛད་པ།

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཤར་ཕྱོགས་གྲོང་ཁྱེར་ཀོལ་ཀ་ཏར་ཆིབས་བསྒྱུར་མཛད་དེ་མ་ཐཱར་ཀྲེ་ར་སའི་བཞུགས་གནས་ལ་ཕེབས་བསྒྱུར་གནང་ནས་དམ་པ་དེའི་པུར་ཁང་དང་བཞུགས་གནས་བཅས་ལ་ཕེབས་ཏེ། ཐུགས་སྨོན་གནང་འདུག་པ་མ་ཟད། དེར་འདུས་དགེ་རྩའི་བསྟི་གནས་དེའི་འགོ་ལས་རྣམས་ལ་གཞན་ཕན་གྱི་བྱ་བ་བཟང་པོ་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་གནང་འདུག