རྒྱ་ནག་དང་ཉི་ཧོང་མི་མཐུན་པའི་འཁོན་འཁྲུག་ཐད་ཨོ་སེ་ཀྲོ་ལི་ཡས་ཕྱོགས་ལྷུང་བྱ་རྒྱུ་མིན་པ།

Your browser doesn’t support HTML5

ཨ་མེ་རི་ཀས་ཉི་ཧོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། སྲིད་འཛིན་ཨོ་ བྷ་མ་སྐུ་སྒེར་གྱི་ངོས་ནས་ཨོ་སེ་ཀྲོ་ལི་ཡར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་ བསྐུལ་གནང་བའི་དབང་དུ་བཏང་ནའང་། རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་ འཁྲུག་རྩོད་ཅི་འདྲ་ཞིག་ལའང་། ཨོ་སེ་ཀྲོ་ལི་ཡས། ཐེ་བྱུས་བྱ་རྒྱུ་མིན་པའི་ རྣམ་པ་གསལ་པོ་སྟོན་གྱི་ཡོད་པ་རེད། དེ་ཡང་ཨོ་སེ་ཀྲོ་ལི་ཡ་དང་རྒྱ་ནག་གི་ འབྲེལ་ལམ་ལས་དོན་ལྷན་ཁང་གིས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་དོན།