རྒྱལ་སྤྱིའི་དམག་མི་ཚོས་མང་ཆེ་བ་ཨཕ་གྷ་ནི་སྟན་ནས་ཕྱིར་འཐེན་བྱས་ཡོད་པ།

ཨ་མི་རི་ཀའི་དམག་མིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་དཔུང་དམག་ཚོས་ཁ་ས་གཟའ་ཉི་མའི་ཉིན་ཨཱཕ་གྷ་ནིསྟཱན་ནས་ཕྱིར་འཐེན་བྱས་ཡོད་པས་ད་ཆ་ཡུལ་དེའི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་དེ་ཡུལ་དེའི་དམག་མིས་རྩིས་ལེན་ཆ་ཚང་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཡུལ་ཁག་ཚོས་ཨཕ་གྷཱནིསྟཱན་ནང་དམག་མི་ཉུང་ཤས་ཤིག་མུ་མཐུད་དེ་བཞག་གི་ཡོད་པ་དེ་ཚོས་ཡུལ་དེའི་དམག་མིར་དམིཌ་བསལ་སྦྱོང་བདར་སྤྲོད་པ་དང་འཇིགས་བསྐུལ་རིང་ལུཌ་ལ་གདོང་ལེན་བྱེད་ཕྱོཌ་ཀྱི་ཐོག་རོགས་རམ་སྤྲོད་རྒྱུ་ཡིན་འདུག ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷཱ་རག་ཨོ་བྷཱ་མ་མཆོག་གིས་ཨ་མི་རི་ཀ་བ་ཚོར་ཡི་ཤུའི་འཁྲུངས་སྐར་གྱི་ཉིན་དམིགས་བསལ་གསུངས་འཕྲིན་ཞིག་གནང་ཡོད་པའི་ནང་ཨ་མི་རི་ཀས་ཡུལ་དེའི་ནང་དམག་མི་བཏང་སྟེ་དམག་འཐབ་བྱེད་པའི་ལས་འགན་དེ་འཇུག་བསྒྲིལ་བྱེད་ཀྱི་ཡོད་པ་རེད།

Your browser doesn’t support HTML5

རྒྱལ་སྤྱིའི་དམག་མི་ཚོས་མང་ཆེ་བ་ཨཕ་གྷ་ནི་སྟན་ནས་ཕྱིར་འཐེན་བྱས་ཡོད་པ།།