ཨ་རི་དང་ཀུ་པའི་ཕྱི་འབྲེལ་སླར་གསོ་ལ་བསྔགས་བརྗོད།

Your browser doesn’t support HTML5

ལོ་ངོ་༥༠་ལྷག་ལ་ཨ་མི་རི་ཀ་དང་ཀུ་པ་གཉིས་རྒྱལ་ཁབ་གཉིས་དགྲ་ཁ་གཏད་དུ་གྱུར་ཀྱང་། གཟའ་འཁོར་འདིར་གྲང་དམག་འཁོན་འཛིན་གྱི་ཤུལ་རྒྱུན་མཐའ་མ་དེ་མཇུག་བསྒྲིལ་ཏེ། ཨ་རི་དང་ཀུ་པ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེར་བརྟེན་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཨ་རི་དང་ཀུ་པའི་འབྲེལ་བ་བཟང་ཕྱོགས་སུ་འགྱུར་བ་དེར་བསྔགས་བརྗོད་ཆེན་པོ་བྱས་འདུག