༧གོང་ས་མཆོག་གིས་ཝིཏ་ནམ་གྱི་དད་ལྡན་པ་ཚོར་གསུང་ཆོས་བསྩལ་པ།

ཉེ་ཆར་རྡ་རམ་ས་ལར་བོད་ཀྱི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ལ་གླེང་སློང་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་རྩི་ཞུས་ཡོད་ཅིང་། རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བཤད་པ་ལྟར་ན། བོད་ནང་གི་རྩོམ་པ་པོ་ཚོས་བོད་ཀྱི་དཀའ་སྡུག་ཅི་ཡིན་གསལ་བོར་ཤེས་ཀྱི་ཡོད་པ་མ་ཟད། མིའི་མིག་ལམ་དུ་འཆར་དཀའ་བའི་རྩོམ་པ་པོའི་བསམ་བློའི་མནར་གཅོད་མྱོང་སྟངས་དེ་ང་ཚོས་དཔྱད་ཞིབ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས་ཞེས་གསུངས་འདུག

Your browser doesn’t support HTML5

༧གོང་ས་མཆོག་གིས་ཝིཏ་ནམ་གྱི་དད་ལྡན་པ་ཚོར་གསུང་ཆོས་བསྩལ་པ།