རྒྱ་ནག་སྐམ་ས་ཆེན་མོའི་བར་འདུམ་གྲོས་སྒྲིག་པ་ཐེ་ཝན་གྱི་ནང་འབྱོར་བ།
Your browser doesn’t support HTML5
རྒྱ་ནག་སྐམ་ས་ཆེན་མོའི་མཐོ་རིམ་བར་འདུམ་གྲོས་སྒྲིག་པས། ཉིན་
གྲངས་བརྒྱད་ཀྱི་རིང་ཐེ་ཝན་ལ་གཟིགས་བསྐོར་འགོ་འཛུགས་བྱ་རྒྱུའི་ཆེད་
དུ། ཐེ་ཝན་གྱི་དའོ་ཡོན་ རྫོང་སྡེའི་ནང་རེས་གཟའ་མིག་དམར་གྱི་ཉིན་
མཁའ་ལམ་གྱི་བརྒྱུད་ནས་འབྱོར་བའི་སྐབས། ཐེ་ཝན་གྱི་རང་བཙན་དོན་གཉེར་
བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ། ཉེན་རྟོག་པ་དང་
ལག་འཛིང་ཤོར་ཡོད་པ་རེད།