རྒྱ་གར་གྱི་སྲིད་བློན་མཆོག་གིས་ཀཱཤ་མཱིར་ནང་གཟིགས་སྐོར་གནང་གི་ཡོད་པ།

Your browser doesn’t support HTML5

རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་སྲུང་ཆ་དམ་བསྒྲགས་ཆེན་པོའི་འོག་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཇམ་མུ་དང་ཀཱཤ་མཱིར་ནང་འཚམས་འདྲི་གཟིགས་སྐོར་གནང་སྟེ་མི་མང་གིས་ས་གནས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་པ་དང་། སྲིད་བློན་མཆོག་གིས་གཟིཌ་སྐོར་དེ་མ་གནང་བའི་ཉིན་ཤས་ཀྱི་གོང་སྟེ་གཟའ་པ་སངས་ཀྱི་ཉིན་ཁ་ཆེ་དྲག་སྤྱོད་པ་ཚོས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དམག་མི་༡༡ཐེ་བའི་ཁྱོན་མི་༢༡ལ་སྲོག་སྐྱོན་བྱུང་ཡོད་པ་རེད།