ཐ་མག་སྔོན་འགོག་བྱས་ཏེ་མི་ས་ཡ་མང་པོའི་ཚེ་སྲོག་སྐྱོབ་པ།
Your browser doesn’t support HTML5
རྒྱུན་དུ་ནས་ཐ་མག་འཐེན་ན་མིའི་ཚེ་སྲོག་དང་འཕྲོད་བསྟེན་ལ་གནོད་འཚེ་ཡོད་
པ་རྗོད་བཞིན་པ་བཞིན། ཨ་མི་རི་ཁའི་ནང་ཐག་མག་འཐེན་རྒྱུ་བཀག་
འགོག་གི་ལས་དོན་བྱེད་འགོ་བཙུགས་ནས་བཟུང་མི་ས་ཡ་༨་ཙམ་གྱི་ཚེ་སྲོག་
སྲུང་སྐྱོབ་བྱུང་ཡོད་པ་གསར་དུ་བྱས་པའི་ཞིབ་འཇུག་གི་སྙན་ཐོ་ཞིག་ནང་གསལ་
བཤད་བྱས་ཡོད་པ་རེད། དེའི་སྐོར་ལ་འདི་ག་རླུང་འཕྲིན་ཁང་གི་འཕྲོད་བསྟེན་
གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་
ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།