ཨ་རིའི་གྲོང་ཁྱེར་ཁག་གིས་རྒྱ་མིའི་རྒྱལ་དར་སྒྲེང་འཛུགས་བྱེད་ཐུབ་མེད་པ།

Your browser doesn’t support HTML5

ཉེ་ལམ་ཨ་རིའི་ཁེ་ལི་བྷོ་ནི་ཡའི་གྲོང་ཁྱེར་འགའ་རེ་ཡིས་རྒྱ་མིའི་རྒྱལ་བཙུགས་དུས་དྲན་ཉིན་རྒྱ་མིའི་ རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང། ཐག་གཅོད་དེར་ས་གནས་བོད་མི་ དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་བསྟུན་མར་སྤེལ་ཏེ་མཐར་རྒྱལ་དར་སྒྲེང་འཛུགས་བྱེད་ཐུབ་མེད། བགྲོ་གླིང་མདུན་ལྕོག་ལས་རིམ་གྱིས་ཨ་རིའི་གྲོང་ཁྱེར་ཁག་གིས་རྒྱ་མིའི་རྒྱལ་ དར་སྒྲེང་འཛུགས་བྱེད་དགོས་དོན་དང་ཐག་གཅོད་དེར་བོད་མི་ཚོས་རྣམ་འགྱུར་གང་འདྲ་ཞིག་བསྟན་ཐུབ་ཡོད་མིན་ཐད་གླེང་མོལ་ཞུ་གི་རེད།