ཨེ་ཤིས་ཡའི་སྐྱེས་པ་བཞི་ཆ་གཅིག་གིས་བཙན་གཡེམ་བྱས་པའི་གནས་ཚུལ

Your browser doesn’t support HTML5

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་མཇུག་བྱས་པའི་བརྒྱུད་ནས་ཤེས་རྟོགས་བྱུང་དོན་ལྟར་ན། ཨི་ཤི་ཡའི་རྒྱལ་ཁབ་དྲུག་ནང་གི་སྐྱེས་པ་བཞི་ཆ་གཅིག་གིས་བུད་མེད་ལ་བཙན་གཡེམ་བྱས་ཡོད་པའི་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་ཞིབ་མཇུག་དེའི་དྲི་བའི་ནང་གཙན་གཡེམ་ཞིས་པའི་ཚིག་བེད་སྤྱོད་མེད་པ་དེའི་རྒྱུ་མཚན་ནི་ས་ཁུལ་དེ་ཚོའི་སྐྱེས་པ་ཚོས་རང་གིས་བྱས་པའི་བྱ་སྤྱོད་དེ་བཙན་གཡེམ་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད་པས་རེད། ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་བཙན་གཡེམ་གྱི་གནད་དོན་དང་གཙན་གཡེམ་ཞིས་པ་དེ་དེང་དུས་རྒྱལ་སྤྱིའི་ཐོག་ངོས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐད་ལ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།