སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གྱོད་དོན་ཞུ་གཏུགས་བྱེད་མཁན་བཞི་འཛིན་བཟུང་།

Your browser doesn’t support HTML5

དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ རིན་པོ་ཆེའི་གྱོད་དོན་ཆེད་དུ་པེ་ཅིང་ལ་ཞུ་གཏུགས་བྱེད་པར་འགྲོ་མཁན་བོད་མི་ བཞི་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་སྐོར་ལ་གནས་ ཚུལ་དེ་མཁོ་སྤྲོད་གནང་མཁན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་ མ་ཚེ་རིང་རྡོ་རྗེ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།