བུད་མེད་ན་གཞོན་ཁག་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་།

Your browser doesn’t support HTML5

འདི་གའི་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལེ་ཚན་ནང་དུ་དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་སུ་འགོ་ཁྲིད་ཀྱི་ཟབ་སྦྱོང་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། ད་རེས་ཀྱི་ཟབ་སྦྱོང་འདིར་མཉམ་ཞུགས་གནང་མཁན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ཆཱེ་ཎེ་གྲོང་ཁྱེར་དུ་མཐོ་སློབ་འགྲིམ་བཞིན་པ་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ལ་གཟབ་སྦྱོང་དེ་དང་འབྲེལ་བའི་གནད་དོན་ཁག་ཅིག་ལ་གླེང་མོལ་གནང་བ་ཞིག་གསན་རོགས་གནང་།།