རྒྱ་གར་གྱི་འོས་བསྡུ་དང་བཙན་བྱོལ་བོད་མི།

Your browser doesn’t support HTML5

རྒྱ་གར་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེ་མོ་བྱས་པའི་བརྒྱུད་རིམ་ལ་དཔྱད་ཞིབ་དང་འོས་བསྡུའི་གྲུབ་འབྲས་ཀྱིས་བོད་དོན་ལ་ཤུགས་རྐྱེན། ད་ལམ་གྱི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་གྱི་བོད་མི་མང་དུ་སོང་བས་གང་མཚོན་གྱི་ཡོད་པ་བཅས་ལ་བགྲོ་གླེང་ཞུ་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་དང་། བོད་གནས་བསྐྱར་ཞིབ་གསར་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་དགེ་ལེགས་རྣམ་རྒྱལ་ལགས་གཉིས་གདན་འདྲེན་ཞུས་ཡོད།