བོད་ཀྱི་བང་ཆེན་དང་གསེར་རྟ་ཚུལ་ཁྲིམས།

Your browser doesn’t support HTML5

བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནི་༼བོད་ཀྱི་བང་ཆེན༽གསར་འཛུགས་པ་རེད་ལ། ཐོག་མར་༼བོད་ཀྱི་བང་ཆེན༽གསར་ཤོག་དཔར་འགྲེམས་དང་། ད་ལྟ་བོད་རྒྱ་དབྱིན་གསུམ་བོད་ཀྱི་བང་ཆེན་དྲ་ཚིགས་ཁ་སྣོན་བྱས་ཏེ་འཕེལ་རྒྱས་བྱུང་ཡོད་པ་མ་ཟད། བོད་ཕྱི་ནང་གི་གསར་འགྱུར་གྱི་འབྱུང་ཁུངས་གལ་ཆེ་ཤོས་ཀྱི་ཁོངས་སུ་ཚུད་ཡོད། བོད་ཀྱི་བང་ཆེན་གསར་འཛུགས་པ་དང་སྤྱི་ཁྱབ་པ་རྩོམ་སྒྲིག་པ་ཚུལ་ཁྲིམས་ལགས་དང་མཉམ་དུ་ལོ་ངོ་བཅུ་ལྷག་ལ་བང་ཆེན་གསར་ཤོག་གཙོ་སྒྲུབ་བྱེད་པའི་རྒྱུད་རིམ་སྐོར་ལ་ཁ་བརྡ་བྱེད་ཀྱི་ཡོད།