ལ་ཡ་བཀྲ་ཤིས་སྟོབས་རྒྱལ།

Your browser doesn’t support HTML5

དེ་རིང་ང་ཚོས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུར་གནས་སྡོད་གནང་མཁན། ལ་ཡ་བཀྲ་ཤིས་སྟོབས་རྒྱལ་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུ་རྒྱུ་ཡིན། ཁོང་ནི་དཔར་རི་ཇུས་བཀོད་གནང་མཁན་ཞིག་ཡིན་པ་དང་། ད་བར་བཙན་བྱོལ་བོད་མིའི་གཞས་པ་གཞས་མ་མང་པོ་ཞིག་གི་གླུ་གཞས་འཁོར་ཐག་དང་འོད་སྡེར་ཀྱི་དཔར་རིས་བཟོ་བཀོད་གནང་ཡོད་པ་རེད། བཀྲིས་སྟོབས་རྒྱལ་ལགས་ཀྱིས་དྷ་ས་བོད་ཁྱིམ་ནང་ནས་གཞི་རིམ་སློབ་སྦྱོང་དང་ཅེན་དྷི་གྷར་མཐོ་སློབ་གནང་རྗེས་དཔར་རིས་བཟོ་འགོད་ལག་རྩལ་སློབ་སྦྱོང་གནང་ཡོད་པ་རེད།