བསམ་པ་ལྷུན་གྲུབ།

Your browser doesn’t support HTML5

ཨ་རིའི་གྲོང་ཁྱེར་རོ་ཆེ་སེ་ཀྲར་ནང་གནས་སྡོད་བསམ་པ་ལྷུན་གྲུབ་ལགས་ནི་ཐོག་མར་བོད་ནས་ཤིང་བརྐོས་ཐད་ལ་རྒྱུས་མངའ་ཡོད་པ་དང་། དེ་ནས་རྒྱ་གར་རྡ་ས་བྱ་ཁྱུང་ཤིང་བརྐོས་སྡེ་ཚན་ནས་དངོས་སུ་ཤིང་བརྐོས་ཀྱི་སློབ་སྦྱོང་གནང་། ཁོང་ནི་ཤིང་བརྐོས་ཙམ་མ་ཡིན་པར་ཉེ་བའི་ཆར་དྲ་ལམ་ནང་མཚར་གཏམ་བརྒྱུད་སྤྱི་ཚོགས་ཀྱི་ཁྲོད་དུ་གོ་རྟོགས་འདྲ་མིན་སྤེལ་ཏེ་མང་ཚོགས་ནས་ཀྱང་དགའ་མོས་ཡང་ཧ་ཅང་ཆེན་པོ་བྱེད་ཀྱི་རེད་། ང་ཚོས་བསམ་པ་ལྷུན་གྲུབ་ལགས་ལགས་སུ་ཤིང་བརྐོས་ཐད་བཀའ་མོལ་ཞུ་གི་ཡིན།