དེང་དུས་སྙན་རྩོམ་གྱི་འཕེལ་རིམ་དང་དོ་སྣང་།

Your browser doesn’t support HTML5

དེ་རིང་གི་ལས་རིམ་ནང་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་དེང་དུས་ཀྱི་སྙན་རྩོམ་འཕེལ་རིམ་དང་དོ་སྣང་གནང་མཁན་ཆེ་རུ་འགྲོ་བཞིན་པའི་སྐོར་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་རི་མོ་བ་དང་དབྱིན་སྐད་ཐོག་ལ་སྙན་ངག་དེབ་གཉིས་བྲིས་གནང་ཡོད་པ་བསྟན་འཛིན་རིག་གྲོལ་ལགས་དང་ དྲ་རྒྱའི་ཐོག་གི་རྩོམ་སྒྲིག་པ་རིག་བྱུང་དོན་གྲུབ་བཀྲིས་ལགས་གཉིས་གདན་འདྲེན་ཞུས་ཡོད། དེ་བཞིན་དུ་རྒྱ་གར་ནས་རྩོམ་པ་པོ་བུ་ཆུང་བསོད་ནམ་ལགས་ཀྱང་མཉམ་བཞུགས་གནང་གི་རེད།