རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཉེན་ཚབས་ཆེ་བའི་རིམས་ནད་ཅིག་ཁྱབ་གདལ་ཕྱིན་པ་དེའི་ནད་དུག་འཕོག་ཡོད་པའི་ནད་པ་༢༠༠༠་ལྷག་ཡོད། མི་༨༡་ནད་དུག་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་སོང་ཞེས་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་ཝུ་ཧན་ནད་དུག་གིས་འཆི་སྐྱོན་བྱུང་བ་དང་ནད་པར་གྱུར་པའི་མིའི་གྲངས་འབོར་ནི་རྒྱ་གཞུང་གི་ཕྱིར་བསྒྲགས་བྱས་པ་ལས་ཀྱང་ཧ་ཅང་གི་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་རེས་ཀྱི་འགོས་ནད་འདིའི་ནད་དུག་ལ་བཅོས་ཐབས་མེད་པར་ཤིན་དུ་ནས་ཉེན་ཚབས་ཅན་ཞིག་ཡིན་པར་བརྟེན། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་དགོན་སྡེ་ལྷ་ཁང་སོགས་དུས་ཚོད་ངེས་མེད་ཀྱི་རིང་ལ་སྒོ་བརྒྱབ་ནས་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་བཀག་འགོག་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།
ལེ་ཚན།
-
སྤྱི་ཟླ་ལྔ་པ། ༠༣།༢༠༢༤
ཡུལ་སྐོར་བ་ཡོང་མཁན་མང་རུ་ཕྱིན་ཏེ་ཨི་ཌ་ལིའི་ཡུལ་མིར་དཀའ་ངལ་འཕྲད་པ།
-
སྤྱི་ཟླ་ལྔ་པ། ༠༣།༢༠༢༤
ཨ་སྒོར་དུང་ཕྱུར་༡༣ཐོབ་མཁན་ནི་གཡུའི་མི་ཨིན་མི་རིཊ་ཤིག་ཡིན་པ།
-
སྤྱི་ཟླ་ལྔ་པ། ༠༣།༢༠༢༤
སྲུ་རྡན་ནང་མུ་གེས་མནར་ཏེ་ས་དང་ལོ་མ་བཟའ་དགོས་ཆགས་པ།
-
སྤྱི་ཟླ་ལྔ་པ། ༠༣།༢༠༢༤
སྲིད་སྐྱོང་གིས་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་པའི་རྗེས་ཨི་ཌི་ལིར་ཕེབས་པ།
-
སྤྱི་ཟླ་ལྔ་པ། ༠༢།༢༠༢༤
དབྱར་རྩྭ་དགུན་འབུ་རྫུན་མ་དང་བོད་མིའི་འབྲོག་པའི་འཚོ་བར་དོ་ཕོག