ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ལྷག་པ། ༢༠༢༦/༠༣/༡༨
བོད།
ཨ་རིའི་གློག་བརྙན་དུས་སྟོན་ཞིག་ཏུ་བོད་གཞས་ལ་གཟེངས་རྟགས་ཐོབ་པ།
༡༤།༠༡།༢༠༢༡
ཨ་རིའི་གློག་བརྙན་དུས་སྟོན་ཞིག་ཏུ་བོད་གཞས་ལ་གཟེངས་རྟགས་ཐོབ་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཨ་རིའི་གློག་བརྙན་དུས་སྟོན་ཞིག་ཏུ་བོད་གཞས་ལ་གཟེངས་རྟགས་ཐོབ་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:07:26
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཉེ་ཆར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གྲོང་ཁྱེར་དུ་ཚུགས་པའི་ཕྱི་ལོ་༢༠༢༠་ ལོའི་མན་ཧ་ཊན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཏུ་རྒྱལ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་བོད་པ་ན་གཞོན་གཞས་པ་བུ་ཆུང་གིས་བཟོས་པའི་མཛའ་གཞས་བརྩེ་དུང་ཞེས་པ་དེར་མན་ཧ་ཊན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གླུ་གཞས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག གཞས་དེ་ཨ་རིར་རྟེན་གཞི་བྱས་པའི་ཁ་བཏགས་ཚོགས་པས་ཡུ་ཊུབ་དྲྭ་ལམ་དུ་བཀྲམ་སྟེ་བོད་གཞས་རྩེ་ཕུད་༡༠་ཐམ་པའི་གྲས་སུ་བདམས། དེ་ནས་གློག་བརྙན་དུས་སྟོན་བཀོད་སྒྲིག་ཚོགས་པར་འོས་སྦྱོར་བྱུང་བ་ལྟར་འགྲན་སྡུར་ནང་དུ་ཚུད། འགྲན་སྡུར་གྱི་དཔྱད་འདེམས་རིམ་པ་བརྒྱུད་པའི་གཞུག་དེར་རྒྱལ་སྤྱིའི་གླུ་གཞས་ཨང་རིམ་བཅུའི་ཁོངས་སུ་ཚུད་པར་མ་ཟད། ཨང་རིམ་གསུམ་པའི་ཁོངས་སུ་ཨ་རི་དང་འཇར་མན། བོད་པ་བཅས་ཀྱི་གླུ་གཞས་གསུམ་འདེམས་ཐོན་བྱུང་སྟེ་བུ་ཆུང་གིས་བཟོས་པའི་བོད་གཞས་བརྩེ་དུང་ཞེས་པ་དེ་ཨང་དང་པོར་བདམས། འདི་ནི་ད་ལྟའི་བར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་གཞས་ཤིག་ལ་ཚོགས་པ་དེའི་རྒྱལ་སྤྱིའི་རྩེ་ཕུད་གཟེངས་རྟགས་ཐོབ་པ་ཐོག་མ་དེར་གྱུར། གཞས་པ་བུ་ཆུང་ལ་རྒྱལ་སྤྱིའི་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པར་ཚོར་སྣང་ཅི་བྱུང་དྲིས་པར་གཟེངས་རྟགས་དེ་འདྲ་ཞིག་ཐོབ་པར་ཧ་ཅང་དགའ་སྤོབས་བྱུང་སོང་། ཐོག་མར་ཡིད་ཆེས་ཁག་པོ་ཞིག་བྱུང་སོང་ཞེས་མྱོང་ཚོར་བཤད་འདུག
མན་ཧ་ཊན་རྒྱལ་སྤྱི་གློག་བརྙན་དུས་སྟོན་བཀོད་སྒྲིག་ཚོགས་པས་བོད་གཞས་དེའི་སྒྲུང་དང་ཚིག པར་རྒྱག་སྟངས། རོལ་དབྱངས་བཅས་པ་ཁྱད་དུ་འཕགས་པར་གཟིགས་ནས་བདམས་པ་ཡིན་འདུག བརྩེ་དུང་ཞེས་པའི་གླུ་གཞས་དེ་བྷེང་ལོར་གྲོང་ཁྱེར་གྱི་ཏ་བླའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བརྙན་པར་བླངས། གཞས་ཚིག་རྣམས་བོད་ཡིག་དང་དབྱིན་ཡིག་ཤན་སྦྱར་བྲིས་འདུག བུ་ཆུང་གིས་བཟོས་པའི་གླུ་གཞས་བརྩེ་དུང་ཞེས་པ་དེ་༢༠༡༩་ལོའི་ཕྱི་ཟླ་༩་པའི་ནང་དུ་བཟོས་པ་དང་ཡུ་ཊུབ་དྲྭ་ལམ་དུ་གཞས་དེར་མི་གྲངས་འབུམ་གསུམ་མ་ཟིན་ཙམ་གྱིས་བལྟས་འདུག ད་ལོའི་ཕྱི་ཟླ་༢་པའི་ཚེས་༡༢་ཉིན་ཏེ། བོད་ཀྱི་ལོ་གསར་ལ་བསྟུན་ནས་འབྲུག་པའི་སྐད་དུའང་གཞས་གསར་པ་ཞིག་འདོན་འཆར་འདུག
ཁོང་ལ་གཞས་ཤིག་ཡག་པོ་འཁྱོངས་བར་ཆ་རྐྱེན་གཙོ་བོ་གང་ཚང་དགོས་མིན་དྲིས་པར་གཞས་ཤིག་བཟོ་བའི་སྐབས་སུ་ཚོར་བ་ཤུགས་ཆེན་པོ་ཡོད་དགོས་པ་དང་དབྱངས་ལེགས་པོ་དགོས་པ། ཚིག་དེ་མི་ཚང་མས་གོ་ཐུབ་པ་ཞིག་དགོས་རྒྱུ་བཅས་ནི་ཆ་རྐྱེན་གལ་ཆེན་གསུམ་ཡིན་པའི་མྱོང་ཚོར་གསུངས་བྱུང་། མཐའ་དོན་བུ་ཆུང་གིས་བོད་ཀྱི་གཞས་པ་ཚོ་སེམས་ཤུགས་མ་ཉམས་པར་མུ་མཐུད་དུ་འབད་བརྩོན་གནང་ན་འབྲས་བུ་བཟང་པོ་ཞིག་འཐོབ་ངེས་རེད་ཅེས་སྐུལ་ལྕག་བཏང་སོང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་བཀའ་དྲིན་ཆེ་ཞུས་པ་དང་བུ་ཆུང་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གྲོང་སྡེ་བརྒྱད་པ་ནས་ཡིན་ཞིང་། ཕྱི་ལོ་༢༠༡༧་ལོར་གླུ་གཞས་རྨི་ལམ་ཞེས་པ་དེ་སྤྱི་ཚོགས་སུ་བཀྲམ། ལོ་དེར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་གླུ་གཞས་འགྲན་སྡུར་ཐོག་ཏུ་རྨི་ལམ་ཞེས་པའི་གཞས་དེར་རོལ་དབྱངས་རྩེ་ཕུད་ཀྱི་བྱ་དགའ་ཐོབ། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་གླུ་གཞས་ཁག་༡༥་ཙམ་གསར་རྩོམ་བྱས་ཡོད་པ་རྣམས་ཡུ་ཊུབ་དྲྭ་ལམ་དུ་ལྟ་ཉན་ཐུབ་ཀྱི་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ
།
འབྲེལ་ཡོད།
༧གོང་ས་མཆོག་གིས་དྲྭ་ལམ་དུ་ཨ་རིའི་མཐོ་རིམ་དཔོན་རིགས་ཚོར་མཇལ་འཕྲད།
༢༠༢༠་ལོར་བོད་ནང་གི་གཞི་རྩའི་རང་དབང་ལ་དམ་དྲག་ནན་པོ་ཐེབས་པ།
XS
SM
MD
LG