ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༢/༠༡

ལྷ་སའི་ཆུ་ཤུར་དུ་འུ་ཤང་རྡོ་རིང་གི་གནའ་ཤུལ་གསར་རྙེད།


ལྷ་སའི་ཆུ་ཤུར་དུ་འུ་ཤང་རྡོ་རིང་གི་གནའ་ཤུལ་གསར་རྙེད། (CCTV screenshot )

༄༅།། ༢༠༢༡་ལོའི་ཕྱི་ཟླ་༧་པ་ནས་༩་པའི་བར་དུ་རྒྱ་ནག་ཧྲན་ཤི་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་
ལྷ་སའི་སྐྱིད་ཆུའི་འགྲམ་གྱི་འོན་ཅང་རྡོ་རིང་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བྱས་ཏེ་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་༣༠་ཐམ་པའི་མཚམས་ཀྱི་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་ལོ་༡༣༠༠་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་བཙན་པོ་ཁྲི་རལ་དུས་ཀྱི་འོན་ཅང་རྡོ་རིང་གི་ཞབས་ར་རྙེད་སོན་བྱུང་བར་མ་ཟད། ཞབས་ར་དེ་ནི་རུས་སྦལ་གྱི་གཟུགས་དང་ཡི་གེ་མེད་པའི་རྡོ་རིང་དང་སོ་ཕག་གཡུ་རྩི་མ། ཆོད་རྟེན་གྱི་རྩིག་རྨང་སོགས་བོད་བཙན་པོའི་སྐབས་ཀྱི་འཛུགས་སྐྲུན་གྱི་རྗེས་ཤུལ་མང་པོ་ཞིག་རྙེད་སོན་བྱུང་ཡོད་པའི་སྐོར། རྒྱལ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG