ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཨེ་ཤི་ཡའི་སྲིད་ཇུས།


ཟླ་བ་འདིར་ཨ་རིའི་སྲིད་འཛིན་གཞོན་ཇོན་བྷ་ཌན་ཨེ་ཤི་ཡའི་བྱང་ཤར་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་སླར་ཡང་ཨ་མི་རི་ཀའི་དམག་དང་དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་སྟོབས་ཤུགས་ཡོད་དོ་ཅོག་ཨེ་ཤི་ཡར་སྤུངས་རྒྱུ་ཡིན་ཞེས་ཁག་ཐེག་བྱས་ཀྱང་། རྒྱ་ནག་གིས་གློ་བུར་དུ་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་གསར་པ་ཞིག་འཐེན་པ་དང་། རྒྱ་ནག་གི་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་ནང་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་མཁའ་དབྱིངས་མངའ་ཁོངས་ཀྱི་ས་ཆ་མང་དག་ཅིག་ཚུད་ཡོད་པས། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཉི་ཧོང་། རྒྱ་ནག་དང་ལྷོ་ཀོ་རི་ཡ་བཅས་ལ་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་རྩོད་པ་ཡོད་པ་ཇེ་སྡུག་ཏུ་སོང་ཡོད་ཅིང་། དེར་བརྟེན་ཨ་རིའི་སྲིད་འཛིན་གཞོན་པ་ཨེ་ཤི་ཡའི་བྱང་ཤར་རྒྱལ་ཁབ་ཁག་ལ་ཕེབས་པའི་སྐབས་སུ་རྒྱ་ནག་གི་མངའ་དབྱིངས་མཁའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་སྐོར་ལ་བཀའ་མོལ་གཙོ་བོ་གནང་དགོས་ཐུག་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG