ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་ལ་ཏོག་དབྱིབས་རིམས་ནད་ཡོད་ཀྱང་ལས་ཀར་བསྐྱོད་བཅུག་པ།


༄༅།། རྒྱ་ནག་གི་དབང་སྒྱུར་དམ་པོའི་འོག་ཏུ་ཚུད་པའི་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཚབས་ཆེན་ཞིག་ཡོད་མིན་ལ་མ་ལྟོས་པར་ཚེས་༢༠་ནས་དབུལ་ཕོངས་གྲོང་གསེབ་ཁག་ནས་ལས་མི་སྟོང་ཕྲག་༢༠་ལྷག་གྲོང་ཁྱེར་ཆེ་ཁག་ལ་འཛུགས་སྐྲུན་གྱི་ལས་ཀར་ཡོང་དུ་བཅུག་ཡོད་པར་མ་ཟད། ད་དུང་ཟླ་བ་འདི་མཇུག་མ་བསྒྲིལ་གོང་དུ་ལས་མི་སྟོང་ཕྲག་༥༠་ལྷག་གཏོང་རྒྱུའི་དམིགས་ཡུལ་འཆང་ཡོད་སྟབས་དེ་ལ་སྐྱོན་བརྗོད་བྱེད་མཁན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG