ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིན་ཅང་གི་དྲག་གནོན་ལ་འགྲེལ་བཤད་རྒྱག་སྟངས།


ཉེ་དུས་ཤིག་ནས་ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོར་འཐབ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་རབ་དང་རིམ་པ་བྱས་ཏེ། ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱ་ནག་གཞུང་གཉིས་ཀས་ཞིན་ཅང་གི་ཡུ་གུར་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་ལ་འགྲེལ་མ་འདྲ་བཤད་རྒྱག་གི་ཡོད་པ་དང་། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་རྒྱ་ནག་གཞུང་གིས་ཞིབ་ཕྲའི་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ཟླ་༢་ཚེས་༧་ཉིན་ཝུ་ཤི་རྫོང་གི་ཉེན་རྟོག་པ་ཚོར་ཡུ་གུར་པའི་ཁ་བྲལ་རིང་ལུགས་པ་ཚོས་རང་ཁྱིམ་ནས་བཟོས་པའི་འབར་མདེལ་གྱིས་གཏོར་རྒོལ་བྱས་པས། ཨཀ་སུ་ས་ཁུལ་གྱི་ཉེན་རྟོག་པ་ཚོས་རང་སྲུང་རྒོལ་ལན་སློག་ནས་ཡུ་གུར་པ་༨་བསད་པ་དང་། ཡུ་གུར་པའི་རུ་ཚོགས་དེའི་མི་གསུམ་འབར་མདེལ་བཀད་ནས་འཆི་སྐྱོན་བྱུང་སོང་། ས་གནས་ཀྱི་མི་མང་དཀྱུས་མ་གཉིས་དང་གཞུང་གི་ཉེན་རྟོག་པ་གཉིས་བཅས་མི་བཞི་ལ་རྨས་སྐྱོན་ཕོག་སོང་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG