ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཝུ་ཧན་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག


ཁ་སྔོན་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཝུ་ཧནགྲོང་ཁྱེར་གྱི་སན་མཱིན་ས་ཁུལ་དུ་མི་༥་ལ་ཏོག་དབྱིབས་ནད་དུག་འགོས། མི་ལྔ་པོ་དེར་རྒད་པོ་ཞིག་གིས་ནད་དུག་བགོས་ཡོད་པ་དང་རྒད་པོ་དེར་ཕྱི་ཟླ་༥་པའི་ཚེས་༩་ཉིན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་འདུག ད་ལྟ་ཝུ་ཧན་གྲོང་ཁྱེར་གཞུང་གིས་གཟའ་འཁོར་འདིའི་ནང་ཚུད་དུ་གྲོང་ཁྱེར་དེར་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡོད་པ་ཚང་མར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་ཚབས་ཆེའི་འགོས་ནད་དེ་རྩ་མེད་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཅིང་། ཝུ་ཧན་གྲོང་ཁྱེར་གྱི་མངའ་ཁོངས་སུགཏོགས་པའི་རྫོང་སྡེ་ཁག་ལ་ནད་བརྟག་འཕྲུལ་ཆས་སོགས་འདང་ངེས་མེད་པས་མི་མང་གིས་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་དུས་ཐོག་ཏུ་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག་ཅེས་འཁང་ར་བཤད། ུ་ཧན་གྲོང་ཁྱེར་གཞུང་གིས་ནད་བརྟག་འཕྲུལ་ཆས་སོགས་འདང་ངེས་མེདཔའི་ས་ཁག་ལ་འགྲོ་གྲོན་རོགས་རམ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།།

ཝུ་ཧན་གྲོང་ཁྱེར་གྱི་མི་འབོར་བྱེ་བ་གཅིག་དང་ས་ཡ་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་འཆར་ཡོད་པ་འདིས་རྒྱ་ནག་གི་འགོ་ཁྲིད་ཚོ་ཏོག་དབྱིབས་རིམས་ནད་ལ་འཇིགས་སྣང་ཅི་ཙམབྱེད་ཀྱི་ཡོད་མེད་དང་། འདས་པའི་ཉིན་གྲངས་༣༥་རིང་ལ་རྒྱ་ནག་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བྱུང་མ་སོང་ཞེསརྒྱ་ནག་གཞུང་གིས་དགའ་སྣང་བྱེད་ཀྱི་ཡོད་པ་བསྐྱར་དུ་སེམས་ཁྲལ་ཞིག་ཏུ་གྱུརའདུག ན་ནིང་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་སྲོག་ཆགས་གསོན་ཚོང་ཁྲོམ་རའམ་ཚོད་ལྟ་ཁང་ཞིག་ནས་ཏོག་དབྱིབས་ནད་དུག་ཐོན། དེ་ནས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་ས་ཡ་༤་ལྷག་ལ་ནད་མནར་དང་མི་འབུམ་༣་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་སྟེ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་དཀའ་ངལ་ཞིག་འཕྲད ཁ་སང་གཟའ་ཟླ་བའི་ཉིན་ཝུ་ཧན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཀྲུང་ལིན་གྱིས་བཤད་པ་ལྟར་ན། གྲུབ་འབྲས་ལ་གཞིགས་ནས་རྒྱལ་ཁ་ཐོབ་པར་བརྩི་མི་རུང་། རིམས་ནད་སྔོན་འགོག་གི་འཐབ་རྒོལ་ནུས་པ་ཆུང་དུ་བཏང་བ་དེས་ནད་འགོག་གི་སྟོབས་ཤུགས་བཅག་པ་མཚོན་མི་ཐུབ་ངོས་ཟིན་རྒྱུ་གལ་འགངས་ཆེན་པོ་ཡིན། ང་ཚོས་སྣང་ཆུང་དང་འཐུས་ཤོར་གཏན་ནས་གཏོང་མི་ཉན་ཞེས་ས་གནས་ཁག་གི་འགོ་ཁྲིད་ཚོར་ནན་བརྗོད་བྱས་པ་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ལུང་འདྲེན་བྱས་འདུག

ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ཡུལསན་མཱིན་ས་ུལ་ནི་མཚེའུ་རྫོང་གི་ཤར་ནུབ་ཕྱོགས་སུ་ཆགས་ཡོད་པ་སྟེ། ཁ་སྔོན་ཕྱི་ཟླ་༣་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ས་གནས་དེར་གཟིགས་ཞིབ་ཏུ་བསྐྱོད། གཟིགས་ཞིབ་དེ་ནི་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་ནས་བཟུང་སྟེ་ཞིས་ཅིན་ཕིང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་ལ་གཟིགས་ཞིབ་ཏུ་བསྐྱོད་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་དུས་ཡུན་ཟླ་བ་གསུམ་མ་ཟིན་ཙམ་གྱི་རིང་དུ་འགྲོ་འོང་བཀག་སྡོམ་བྱས་པ་རྣམས་ཕྱི་ཟླ་༤་པའི་ཚེས་༨་ཉིན་ཕྱིར་འཐེན་བྱས་ཏེ་འགྲིམ་འགྲུལ་དང་ཚོང་ལས། ཝུ་ཧན་གྲོང་ཁྱེར་གྱི་མི་མང་གིྒྱུན་ལྡན་འཚོ་བ་ླར་གསོ་བྱུང་། འོན་ཀྱང་ཕྱི་ཟླ་༥་པའི་ཚེས་༩་ནས་ཝུ་ཧན་གྲོང་ཁྱེར་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས། སན་མཱིན་ས་ཁུལ་དེར་མི་༥༠༠༠་གནས་སྡོད་བྱེད་ཀྱི་ཡོད་པ་དེའི་གྲས་སུ་མི་༢༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། ད་ལྟ་ས་ཁུལ་དེའི་མི་༥༠༠༠་ཐམ་པར་འཕྲལ་དུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་བཀའ་བཏང་འདུག དབྱི་ཚེ་དངུལ་རྩའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝུ་ཧན་གྲོང་ཁྱེར་གཞུང་གིས་མི་ས་ཡ་༡་ལ་བརྟག་དཔྱད་བྱས་ཟིན་ཡོད་པ་དང་ཉི་མ་༡༠་ཐམ་པའི་ནང་ཚུད་དུ་ཝུ་ཧན་གྲོང་ཁྱེར་ལ་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡོད་པ་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཚར་དགོས་ཀྱི་འདུག ཐོག་མར་རྒན་རྒོན་དང་ནད་གཅོང་ཅན། མི་ཚོགས་མཐུག་ས་དང་གྲོང་གསེབ་ཁག་ནས་ལས་ཀ་འཚོལ་དུ་ཡོང་མཁན་རྣམས་གནས་སྡོད་བྱ་ཡུལ་རྣམས་དམིགས་འབེན་གཙོ་བོར་འཛིན་གྱི་འདུག་ཅེས་གནས་ཚུལ་སྤེལ།།

ད་ལོའི་ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ལོ་ན་༨༩་ལ་སོན་པའི་ཝུ་ཧན་གྲོང་ཁྱེར་གྱི་རྒད་པོ་ཞིག་ལ་ཚ་བ་འཕརནས་ནད་མནར་བྱུང་། ཡིན་ནའང་རྒད་པོ་དེས་སྨན་པ་མ་བསྟན་པར་ཁྱིམ་དུ་བསྡད་ནས་ཉི་མ་༡༠་ཐམ་པའི་རྗེས་སུ་དྲག་སྐྱེད་བྱུང་། ླ་བ་སྔོན་མ་ནས་རྒད་པོ་དེ་སླར་ཡང་བདེ་ཐང་མེད་པར་གྱུར་པ་དང་བདུན་ཕྲག་སྔོན་མར་རྒད་པོ་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་བར་མ་ཟད། རྒད་པོ་དེའི་ཆུང་མ་དང་ཁྱིམ་མཚེས་ཀྱི་རྒན་རྒོན་བཟའ་ཚང་གཉིས་ལའང་ནད་དུག་བགོས། རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་འགོས་ནད་ཉམས་ཞིབ་པ་ཝུ་ཙུན་ཡུག་གིས་བཤད་པ་ལྟར་ན། ནད་དུག་འགོས་ནས་ཡུན་རིང་ཕྱིན་པ་ཤེས་རྟོགས་མ་བྱུང་བ་དང་སྨན་བཅོས་བྱེད་ཐུབ་པ་མང་དག་ཅིག་ལུས་ཡོད་སྲིད། འདི་ནི་ཝུ་ཧན་གྲོང་ཁྱེར་གཅིག་པུ་མ་རེདནད་པ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་རྗེས་སུ་ཉི་མ་༣༠་ནས་༥༠་ཡས་མས་རེ་ལ་ནད་རྟགས་འཐོན་གྱི་མེད་པ་འབྱུང་གི་འདུག ནད་འགོག་གི་མ་ལག་ནུས་པ་ཞན་པའི་ནད་པ་ཚོར་ནད་རྟགས་འཕྲལ་དུ་འཐོན་གྱི་མེད་པ་དང་མི་ཁག་ཅིག་ལ་ནད་རྟགས་ཐོན་ནས་འཇོམས་འགྲོ་བའང་ཡོང་གི་འདུག་ཅེས་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་ཞིག་གིསྐབས་སུ་ལན་འདེབས་བྱས་འདུག གསར་འགོད་པས་ཝུ་ཙུན་ཡུག་ལ་ཝུ་ཧན་གྲོང་ཁྱེར་གྱི་མི་ཚང་མར་བརྟག་དཔྱད་བྱ་རྒྱུ་དགོས་ངེས་ཤིག་རེད་དམ་ཞེས་དྲིས། ཁོང་གིས་མི་ཚང་མར་བརྟག་དཔྱད་མ་བྱས་ཀྱང་ཆོག ནད་དུག་ཁྱབ་ས་ཁག་དམིགས་འབེན་དུ་བཟུང་ནས་བརྟག་དཔྱད་བྱ་དགོསནད་དུག་ཁྱབ་ཀྱི་མེད་པའི་ས་གནས་ཁག་གི་མི་མང་ལ་བརྟག་དཔྱད་བྱེད་དགོས་དོན་མེད་ཅེས་ལན་བཏབ།།

འདི་དང་དུས་མཚུངས་སུ་རྒྱ་ནག་གི་བྱང་ཤར་ཕྱོགས་ཀྱི་ཅི་ལིན་ཞིང་ཆེན་གྱི་ཧྲུ་ལན་གྲོང་ཁྱེར་དུའང་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་སྟེ་གྲོང་ཁྱེར་དེའི་སྲིད་གཞུང་གིས་རིམས་ནད་ལ་སྔོན་འགོག་བྱ་རྒྱུ་ནི་དམག་འཁྲུག་གི་དུས་སྐབས་ལྟ་བུ་ཞིག་ལ་བརྩི་དགོས་ཞེས་བཀའ་བསྒྲགས། ཧྲུ་ལན་གྲོང་ཁྱེར་ལ་མེ་འཁོར་དང་རླངས་འཁོར། གླ་འཁོར་སོགས་ཡོངས་སུ་བཀག་སྟེ་འགྲིམ་འགྲུལ་བཀག་ནས་གྲོང་ཁྱེར་དེའི་ཡུལ་མི་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་ཁྱིམ་འགོག་བཀོད་ཁྱབ་བཏང་འདུག རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་འགོས་ནད་ཉམས་ཞིབ་པ་ཝུ་ཙུན་ཡུག་གིས་ང་ཚོས་སླར་ཡང་འགྲིམ་འགྲུལ་བཀག་ནས་ནད་ཡམས་ལ་སྔོན་འགོག་བྱེད་མི་དགོས། རྒྱ་ནག་གིས་ཟླ་བ་གསུམ་ལྷག་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་སྨན་བཅོས། མི་མང་ལ་ཉེན་བརྡ་གཏོང་ཕྱོགས་བཅས་སུ་ཉམས་མྱོང་ཡག་པོ་ཞིག་བསགས་ཡོདརྒྱ་ནག་མི་དམངས་ཀྱིས་བློ་འཚབ་བྱེད་དགོས་དོན་མེད་ཅེས་བཤདཔེ་ཅིང་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་ཚན་པའི་འགན་འཛིན་གཞོན་པ་ཝང་པེའི་ཡུས་ཀྱང་ཏོག་དབྱིབས་ནད་དུག་གི་ངོ་བོ་ཤེས་རྟོགས་གསལ་པོ་ཞིག་ཐུབ་ཀྱི་མེད་པ་དང་ནད་ཡམས་དེར་བཅོས་ཐབས་ཡག་པོ་ཞིག་རྙེད་ཀྱི་མེད་པ། ནད་དུག་དེའི་ནད་རྟགས་འཐོན་རྒྱུར་དུས་ཡུན་རིང་ཐུང་གི་ཁྱད་པར་ཡོད་པ་བཅས་ལ་བལྟས་ན་ས་གནས་ཁག་ཅིག་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་རྒྱག་གི་ཡོད་པ་རྒྱུན་ལྡན་ཞིག་རེད་ཅེས་བཤད་འདུག ད་ལྟ་རྒྱ་ནག་ཁོ་ན་མིན་པར་གཟའ་མཇུག་དེར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཁག་ཅིག་བྱུང་ཡོད་པ་རེད།།

XS
SM
MD
LG