ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་ལ་ཞིབ་བཤེར།


བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་

རྒྱ་ནག་དམར་ཤོག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིན་ཅེ་ཡིས་དམར་ཤོག་གི་སྒྲིག་ཁྲིམས་ལ་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱས་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་ཤིག་ལ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལྷན་ཁང་གིས་ཞིབ་བཤེར་བྱེད་ཀྱི་ཡོད་ཅེས་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་ཚེ། རྒྱ་ནག་གཞུང་གིས་དཔོན་རིགས་དེ་འཛིན་བཟུང་དང་བཀག་གཉར་བྱས་ཟིན་ཡོད་པའི་རྟགས་སུ་མངོན།།

ཝུའུ་དབྱིན་ཅེ་ཡིས་༢༠༡༦་ནས་༢༠༢༡་ལོའི་ཕྱི་ཟླ་༡༠་པའི་བར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་། ཁོ་པ་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་རིང་དེ་ལྷ་སའི་བར་སྐོར་དང་གླིང་སྐོར་སོགས་ལ་བསྐྱོད་མི་ཆོག་པའི་བཀག་འགོག་ནན་པོ་བྱས་ཏེ་བོད་ནང་ལ་སྔར་ལས་ལྷག་པའི་དམ་དྲག་ཆེ་རུ་བཏང་འདུག

ཝུའུ་དབྱིན་ཅེ་ཡིས་དམར་ཤོག་གི་སྒྲིག་ཁྲིམས་ལ་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱས་འདུག
ཝུའུ་དབྱིན་ཅེ་ཡིས་དམར་ཤོག་གི་སྒྲིག་ཁྲིམས་ལ་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱས་འདུག

ཝུ་དབྱིན་ཅེ་ནི་དེ་སྔ་བོད་དུ་བཏང་བའི་དམར་ཤོག་གི་རྒྱ་མི་ལས་བྱེད་པའི་ཕྲུ་གུ་ཡིན་པ་དང་ཆུང་དུས་ནས་བོད་དུ་འཚར་ལོངས་བྱུང་ཞིང་། ལོ་ཤས་གོང་དུ་ཝུ་དབྱིན་ཅེ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པའི་སྐབས་སུ་བོད་དུ་འཚར་ལོངས་བྱུང་བའི་རྒྱ་མིའི་མི་ཐོག་གཉིས་པས་བོད་ལ་དབང་བསྒྱུར་བྱེད་འགོ་ཚུགས་པ་རེད་ཅེས་བཀྲལ།།

ཉེ་བའི་ལོ་ཤས་རིང་བོད་ཀྱི་ས་ཁུལ་དུ་མཐོ་རིམ་འགོ་ཁྲིད་བྱས་མྱོང་བའི་རྒྱ་ནག་གཞུང་གི་དཔོན་རིགས་མང་པོར་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་བའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་བའི་གནས་ཚུལ་རིམ་པ་ཞིག་ཐོན་མོད། འོན་ཀྱང་ད་རེས་ཝུའུ་དབྱིན་ཅེ་ལ་ཉེས་འཛུགས་བྱས་པ་ནི་བོད་ལ་དབང་བསྒྱུར་བྱེད་མཁན་རྒྱ་མིའི་དཔོན་རིགས་མཐོ་ཤོས་ཤིག་ལ་ཉེས་ཆད་ཕོག་པ་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG