ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༣་ཚེས་༢༦་དང་ཚེས་༢༧་གཉིས་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་༦༠་མ་ཟིན་ཙམ་ཞིག་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ལ་ལྷན་འཛོམ་གནང་བ་དང་། ཁོང་ཚོས་རྡུལ་ཕྲན་མཚོན་ཆ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྤྱད་རྒྱུ་ཆ་ཁག་ལ་སྲུང་སྐྱོབ་དམ་པོ་བྱེད་རྒྱུ། རྡུལ་ཕྲན་མཚོན་ཆ་དང་དེ་བཟོ་སྤྱད་ཀྱི་རྒྱུ་ཆ་ཅུང་ཟད་ཅིག་འཇིགས་སྐུལ་རིང་ལུགས་པའི་ལག་ཏུ་ཐེབས་ཚེ། འཛམ་གླིང་འདིར་བློ་ཡུལ་དུ་ཤོང་དཀའ་བའི་གཏོར་རྒོལ་ཚབས་ཆེ་ཞིག་འཕོག་རྒྱུའི་ཉེན་ཀ་ཡོད་པ་ཐེ་ཚོམ་མེད་པ་དང་། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་ཁབ་མང་པོའི་ནང་དུ་རྡུལ་ཕྲན་མཚོན་ཆ་བཟོ་སྤྱད་རྒྱུ་ཆ་གསོག་འཇོག་བྱེད་ཡོད་པ་དེར་སྲུང་སྐྱོབ་དམ་པོ་བྱེད་དགོས་ཞེས་ཐུན་མོང་གི་སྤྱི་བསྒྲགས་དོན་ཚན་༡༣་ཅན་ཞིག་སྤེལ་ཡོད་པ་རེད།

XS
SM
MD
LG