ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀར་འགོག་ཁབ་མྱུར་དུ་རྒྱག་འཆར་ཡོད་པ།


༄༅།། ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཨེ་ཛཱར་གྱིས་གཟའ་ཟླ་བའི་ཕྱི་དྲོར་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་མི་རི་ཀའི་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་གཉིས་ལ་ཕན་ནུས་ཆེན་པོ་ཐོན་ཡོད་ཅིང་། ཨ་མི་རི་ཀ་བ་ཁ་ཤས་ལ་ཕྱི་ཟླ་༡༢་པའི་ཚེས་༢༥་སྟེ། སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་གྱི་སྔོན་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་རེ་བ་ཡོད། ༢༠༢༡་ལོའི་ཕྱི་ཟླ་༦་པ་ཡས་མས་སུ་ཨ་མི་རི་ཀ་བ་སུ་ཞིག་ལ་འགོག་ཁབ་རྒྱག་འདོད་ཡོད་ཀྱང་ཏོག་དབྱིབས་ནད་དུག་འགོག་པའི་སྨན་ཁབ་རག་གི་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG