ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ལ་སྨན་ཁབ་རོགས་རམ་དགོས་གལ་ཆེན་པོ་ཡོད་པ།


༄༅།། བལ་ཡུལ་ལ་ཁ་སང་གཟའ་པ་སངས་ཀྱི་ཉིན་མོར་མི་༦༨༥༥་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་ཅིང་། ད་ལྟ་བལ་ཡུལ་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༥༤༩༡༡༡་བྱུང་ཡོད་པར་མ་ཟད། རྒྱལ་ས་ཀ་ཐ་མན་རྡུ་དང་དེའི་ཉེ་འཁོར་གྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༢༣༢༤་བྱུང་འདུག རྒྱལ་ས་ཀ་ཐ་མན་རྡུ་གཅིག་པུར་མི་༡༧༩༦་དང་ལ་ལིད་པུར་གྲོང་ཁྱེར་ལ་མི་༣༡༥་བྱུང་ཞིང་། དེ་བཞིན་བྷག་ཏཱ་པུར་ས་གནས་སུ་མི་༢༡༣་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པས་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་བལ་ཡུལ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG