ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༢༩


ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༢༩
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་བོད་དོན་ཞུ་གཏུག་ལས་འགུལ་དང་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ་དང་། ༢༠༢༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལོ་འཁོར་སྙན་ཐོ། ཨེ་སི་རལ་ནང་གི་རྔམ་སྟོན་ཁྲོམ་སྐོར། ཨབ་གྷ་ཎི་སི་ཐན་གྱི་བུད་མེད་གསར་འགོད་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ལ་བོད་དོན་ཞུ་གཏུག་ཐེངས་༡༥་བའི་ལས་འགུལ་གྱི་ལྟེ་བ་དང་གལ་གནད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་ལ་ཕེབས་མཁན་གྱི་མི་སྣ་༡༥༠ ལྷག་གི་གྲས་ནས་བློ་གྲོས་རྒྱ་མཚོ་ལགས་དང་རྟ་མགྲིན་ཚེ་བརྟན་ལགས་གཉིས་གདན་འདྲེན་ཞུས་ཏེ་བོད་དོན་ཞུ་གཏུག་གི་ཉམས་མྱོང་དང་མཐོང་ཐོས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG