ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གློ་ཚད་ནད་འབུ་ཛ་དྲག་ཅིག་ལ་ངོས་འཛིན་བྱེད་དགོས་མིན་གྱི་གྲོས་བསྡུར


ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་ཀྱི་ནད་འབུ་གསར་པ་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཁོ་ན་མ་ཡིན་པར་ཕྱིའི་རྒྱལ་ཁབ་ཁག་ལའང་འགོས་ཁྱབ་འགྲོ་བཞིན་ཡོད་ཅིང་། དེར་བརྟེན་ནད་འབུ་དེ་ཛ་དྲག་ཅན་ཞིག་ལ་ངོས་འཛིན་བྱ་དགོས་མིན་ཐད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་མཁས་པ་ཚོས་རེས་གཟའ་ལྷག་པའི་ཉིན་བརྟག་དཔྱད་ཞིབ་འཇུག་དང་གྲོས་བསྡུར་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG