ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་སྨན་ཁབ་ཀྱི་བདག་དབང་བློས་གཏོང་རྒྱུའི་བསམ་ཞིབ།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཏོག་དབྱིབས་ ནད་དུག་སྔོན་འགོག་གི་སྨན་ཁབ་ཁག་གི་རིག་གནས་བདག་དབང་བློས་བཏང་སྟེ་ཨ་རིའི་སྨན་ཁབ་དེ་རྣམས་རྒྱ་གར་སོགས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་བཟོ་སྦྱོར་བྱེད་དུ་འཇུག་རྒྱུ་དང་སྨན་ཁབ་ཀྱི་རིན་གོང་གཅོག་རྒྱུ། ད་དུང་ཡང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རག་གི་མེད་པའི་རྒྱལ་ཁབ་ཁག་ལ་རོགས་སྐྱོརར་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱེན་ས་ཀིས་གནད་དོན་དེར་ཐག་གཅོད་གང་ཡང་བྱུང་མེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG