ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏ་ལི་བྷན་གྱིས་བུད་མེད་ཚོའི་སྐྱབས་བཅོལ་ལྟེ་གནས་ཤིག་ལ་དམ་དྲག


༄༅།། ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨབ་གྷ་ཎི་སི་ཐན་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཏུ་བུད་མེད་ཚོར་རོགས་སྐྱོར་བྱ་ཡུལ་སྐྱབས་བཅོལ་ལྟེ་གནས་ཤིག་ཡོད་པ་དེའི་བདག་པོ་ཕྱི་ལོགས་སུ་བྲོས་བྱོལ་དུ་ཕྱིན་འདུག་ཅིང་། དེར་བརྟེན་བུད་མེད་༢༠་ཙམ་ཤུལ་དུ་ལུས་ཡོད་པ་རྣམས་ནི་རང་ཁྱིམ་དུ་དྲག་རྩུབ་ཀྱི་སྡུག་བསྔལ་མྱངས་པའམ། ཡང་ན་རྒད་པོ་ཚོར་བཙན་དབང་གིས་གཉེན་སྒྲིག་བྱེད་དུ་བཅུག་པ་ཤ་སྟག་ཡིན་ཞིང་། མི་རིང་བར་ཏ་ལི་བྷན་ཤོག་ཁག་གིས་སྐྱབས་བཅོལ་བའི་ལྟེ་གནས་དེར་སྟངས་འཛིན་བྱས་ནས་བུད་མེད་ཚོར་གདམ་ཀ་གཉིས་སྤྲོད་ཀྱི་ཡོད་པ་སྟེ། གཅིག་ནི་རང་ཁྱིམ་དུ་ཕྱིར་ལོག་བྱ་རྒྱུ་དང་གཞན་དེ་ཏ་ལི་བྷན་ཤོག་ཁག་གི་ཁོངས་སུ་ཞུགས་དགོས་པ་རེད། བུད་མེད་དེ་དག་གི་མང་ཆེ་བ་ཏ་ལི་བྷན་ལ་འཇིགས་སྣང་བྱས་ནས་རང་ཁྱིམ་དུ་ལོག་རྒྱུའི་གདམ་ཀ་དེ་འདེམས་བཞིན་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG