ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ཐེ་ཝན་གྱི་ཛ་དྲག་གི་རྒྱུ་རྐྱེན།


༄༅།། ཉེ་བའི་ཉིན་འགའི་རིང་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་གི་གནམ་གྲུ་༡༥༠་ལྷག་བཏང་སྟེ་དཔུང་འཛུལ་བྱས་ཤིང་། ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འགལ་བ་དེ་སྔར་ལས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པར་མ་ཟད། ཐེ་ཝན་དང་ཨ་རི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་བཙན་འཛུལ་འཇིགས་སྐུལ་ལ་དོ་སྣང་ཤུགས་ཆེན་བྱེད་དགོས་པ་ཞིག་ཏུ་གྱུར། ཐེ་ཝན་གཞུང་གིས་ཐེངས་འདིར་རྒྱ་ནག་གིས་སྡིགས་ར་བསྐུལ་བ་ཙམ་མིན་པར་༢༠༢༥་མི་འགྱངས་པར་ཐེ་ཝན་ལ་དམག་གིས་བཙན་འཛུལ་བྱ་སྲིད་པ་རེད་ཅེས་རེས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG