ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་གར་གྱི་བོད་པའི་གཞིས་ཆགས་ཁག་ཏུ་སྨན་ཁབ་རྒྱག་ཐབས།


༄༅།། རྒྱ་གར་དབུས་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༡་ནས་ལོ་ན་༡༨་ནས་༤༤་བར་དུ་སོན་བའི་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་ཆོག་མཆན་བཀོད། རྒྱ་གར་ལ་ལོ་ན་༡༨་ཡན་ཆད་ཀྱི་མི་འབོར་མང་བའི་རྐྱེན་གྱིས་སྨན་ཁབ་དུས་ཐོག་ཏུ་རག་གི་མེད་ཅིང་། ཆ་ཏི་སི་སྒར་མངའ་སྡེ་གཞུང་གིས་མཐུན་འགྱུར་རོགས་རམ་འོག་མན་སྤར་ཕན་བདེ་གླིང་གི་བོད་མིའི་གཞིས་ཆགས་ཀྱི་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རིན་མེད་དུ་ཟླ་བ་འདིའི་ཚེས་༡༠་ནས་རྒྱག་འགོ་ཚུགས། ད་ལྟའི་ཆར་ས་གནས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་ཚོགས་སྡེ་ཁག་གི་རོགས་རམ་ལ་བརྟེན་ནས་ཛ་དྲག་གི་གནས་ཚུལ་བྱུང་མེད་པ་རེད།།

མན་སྤར་ཕན་བདེ་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུངས་པ་ལྟར་ན། མི་སྒེར་ངོས་ནས་དྲྭ་ལམ་དུ་དེབ་སྐྱེལ་ཐོ་འགོད་བྱས་པ་ལྟར་ས་གནས་སུ་སྨན་ཁབ་རྒྱག་ཡུལ་ས་ཚིགས་གདམ་རྒྱུའི་ཆ་རྐྱེན་བསྐྲུན། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཆེ་བའི་སྐབས་སུ་ཊེམ་ས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་ངག་དབང་ལགས་ཀྱིས་ཉེ་ཆར་ཨ་ཕོ་ལོ་སྨན་ཁང་དུ་ཧིན་སྒོར་༨༥༠་སྤྲད་ནས་སྨན་ཁབ་བརྒྱབ། རྒྱ་གར་བྱང་ཤར་ཁུལ་གྱི་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་བརྗོད་དོན་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་གིས་བཀའ་འཁྲོལ་འོག་ཟླ་འདིའི་ཚེས་༡༦་ནས་བཟུང་སྟེ་ཀ་རྡོ་སྒང་གསུམ་གྱི་བོད་པ་ལོ་ན་༡༨་ནས་༤༤་བར་དུ་སོན་པ་ཚོར་སྨན་ཁབ་རྒྱག་འཆར་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG