ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཁ་ཆེའི་རྒྱལ་ཁབ་ཁག་གིས་ཡུ་གུར་བ་ཚོ་ཕྱིར་འབུད།


༄༅།། ༢༠༡༨་ལོའི་སྤྱི་ཟླ་གཉིས་པའི་ཉིན་ཞིག་ལ་ཏུར་ཀི་རྒྱལ་ཁབ་ཀྱི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་གནས་འཁོད་ཡུ་གུར་བ་བུད་མེད་ཨབ་རྡུ་ལཱ་དང་ཁྱོ་ག་ཨ་ཧ་མེ་ཐེ་གཉིས་དཀྱིལ་ཤར་ས་ཁུལ་གྱི་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་དྷུ་བྷེ་ལ་ཕྲུ་གུའི་དུག་ལོག་ཉོ་རུ་ཕྱིན་པའི་ལམ་བར་དུ་ཁྱོ་ག་འཕྲལ་དུ་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་ཞེས་ས་གནས་ཉེན་རྟོག་པའི་བརྡ་ཞིག་འབྱོར། ཁྱོ་ག་དེས་རང་གི་ཆུང་མ་གྲོགས་པོ་ཞིག་གི་ཁྱིམ་དུ་བསྐྱལ་ཏེ་ཉེན་རྟོག་ལས་ཁུངས་སུ་སོང་། དུས་དེ་ནས་བཟུང་སྟེ་ཨ་ཧ་མེ་ཐེ་གར་སོང་ཆ་མེད་དུ་གྱུར། དེང་སྐབས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་སོ་ཌི་ཨ་རེ་བྷི་ཡ། ཏུར་ཀི་སོགས་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གིས་རང་གི་ས་ཐོག་ཏུ་འབྱོར་ཟིན་པའི་ཞིན་ཅང་གི་ཡུ་གུར་བ་རྣམས་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པར་མ་ཟད། ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པར་འཛམ་གླིང་ཡུལ་གྲུ་གང་སའི་ཡུ་གུར་བའི་བཙན་བྱོལ་བ་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG