ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀ་ཧོང་ཀོང་དང་ཐེ་ཝན་མི་དམངས་ཀྱི་ཕྱོགས་སུ་ལང་རྒྱུ།


༄༅།། ཧོང་ཀོང་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱས་ནས་མིང་རྟགས་བཀོད་མེད་པས་ཐེ ཝན་ལ་ཕྱིར་སློག་བྱས་ཤིང་། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ ཁང་གི་མགྲིན་ཚབ་པ་ནེ་ཌི་པེ་རི་སི་ཡིས་ཕྱི་ཟླ་༦་པའི་ཚེས་༢༡་སྟེ། རེས་ གཟའ་ཟླ་བའི་ཉིན་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་འགྱུར་མེད། ཨ་མི་རི་ཀ་ཐེ་ཝན་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད་ཅེས་གསལ་སྟོན་གནང་སྟེ་པེ་ཅིང་གི་དབང་འཛིན་པ་ཚོས་མུ་མཐུད་དུ་ཐེ་ཝན་འཇིགས་སྐུལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG