ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

པེ་ཅིང་གི་རྩེད་འགྲན་དུས་སུ་གསར་འགོད་རང་དབང་སྤྲོད་དགོས།


༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་པའི་སྐབས་སུ་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོར་གནས་ཚུལ་བདེན་པ་བརྒྱུད་སྤེལ་བྱེད་དུ་འཇུག་དགོས་པ་དང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་བཀག་སྡོམ་དང་ཚོད་འཛིན་བྱེད་མི་ཆོག་ཅེས་ཨ་མི་རི་ཀས་ནན་བརྗོད་བྱས་འདུག་ཅིང་། ད་སྔ་པེ་ཅིང་གི་རྩེད་འགྲན་དེར་ཨ་རིའི་ཨོ་ལིམ་ཕིཀ་རྩེད་འགྲན་རུ་ཁག་མཉམ་ཞུགས་བྱ་རྒྱུ་མིན་ཡིན་ཐད་གསལ་བཤད་གང་ཡང་བྱས་མེད་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡོད་པ་དེར་དོ་སྣང་དང་སྐྱོན་བརྗོད་མུ་མཐུད་དུ་བྱེད་ཀྱི་ཡོད་པའི་སྐོར། ཚེ་རིང་དབང་མོ་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG