ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགོ་ཁྲིད་ཚོ་ཕོ་བྲང་དཀར་པོར་འབོད་འཆར།


༄༅།། ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཤིག་གིས་རེས་གཟའ་ཟླ་བའི་ཉིན་གསལ་སྟོན་གནང་བ་ལྟར་ན། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་མཇུག་འདིར་བདེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་ཨ་མི་རི་ཀས་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞིང་། དེར་བརྟེན་ཨ་མི་རི་ཀས་གཞུང་འབྲེལ་མི་སྣ་ཁག་ཅིག་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་་རྒྱལ་ཁབ་ཁག་ལ་བཏང་སྟེ་ཐད་ཀར་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཏུ་་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG