ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་གི་བཀོལ་ཆས་རྣམས་གཙང་བཟོ་བྱ་རྒྱུ།


༄༅།། ཨ་རིའི་གཞུང་གིས་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་བྱས་པ་ལྟར་ན། ཨ་རིའི་དྲྭ་ལམ་ལ་རྒྱ་ནག་དམར་ཤོག་གི་ཤུགས་རྐྱེན་མི་འབྱུང་བའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གི་བཀོལ་ཆས་ཊིཀ་ཊོཀ་དང་སྐད་འཕྲིན་གཉིས་ནི་ཉེན་ཁ་ཆེ་ཤོས་རེད་ཅེས་བརྗོད་འདུག འདི་ནི་ཌོ་ནལ་ཊམ་གྱི་སྲིད་གཞུང་དང་རྒྱ་ནག་གི་དབང་འཛིན་པ་ཚོས་བརྡ་འཕྲིན་གྲངས་རིག་གི་ཁྱབ་ཁོངས་སུ་འགྲན་རྩོད་བྱེད་པའི་ཁ་ཕྱོགས་གསར་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་སྐད་གྲགས་ཅན་ཐམས་ཅད་ལ་ཨ་རིའི་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སྐོར་། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG