ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་བོད་མི་ཟས་་བཅད་ངོ་རྒོལ་བྱེད་མཁན་ཚོའི་གཟུགས་གཞིར་བློ་འཚབ།


འཛམ་གླེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་གྱི་གཟུགས་གཞིར་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཐུགས་འཚབ་ཆེན་པོ་ཡོད་ཅེས་གསུངས་བ་དང་ཆབས་ཅིག་ མི་ཚང་མར་ཞི་བའི་སྒོ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པའི་ཐོབ་ཐང་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲེན་ཚབ་པར་གནས་འདྲི་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG