ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ལ་འཚམས་འདྲིར་ཕེབས།


ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཧེ་རི་རི་ཡིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ལ་ཕེབས་ཡོད་པ་དང་། ད་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཆི་ཧྲན་དང་དབུས་མི་དམངས་དངུལ་ཁང་གི་གཙོ་འཛིན་ཀྲུའུ་ཞའོ་ཁྲོན་གཉིས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ། ཁོང་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་དང་ ནོར་སྲིད་ཀྱི་གནད་དོན་ཁག་གི་ཐད་གྲོས་མོལ་བྱས་ཡོད་པ་དང་། རྩ་བའི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་པ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཟླ་བ་མང་པོའི་གོང་ནས་གྲ་སྒྲིག་བྱས་ཀྱང་། ད་ལོ་ཨ་མི་རི་ཀའི་དབུས་གཞུང་གི་ལོ་འཁོར་དངུལ་རྩིས་གཏན་འབེབས་བྱས་མ་ཐུབ་པར་གྲོས་ཚོགས་འཐུས་མི་ཚོ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས་བྱས་ཡོད་པ་རེད།།

XS
SM
MD
LG