ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧྥ་རན་སིར་ཕེབས་སྐྱོད།


༄༅།། ཉེ་ལམ་ཨ་རི་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་གསུམ་གྱིས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་གསར་པ་ཞིག་བཙུགས་ནས་ཧྥ་རན་སིའི་མཚོན་ཆ་བཟོ་ཚོང་ཁང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་མཚོ་དམག་ལ་ཨ་སྒོར་དུང་ཕྱུར་༤༠༠་ལྷག་གིས་མཚོ་འོག་དམག་གྲུ་བཙོང་རྒྱུའི་ཚོང་ལས་གྲོས་མཐུན་ཞིག་བཞག་ཡོད་པ་འཕྲུ་ལོག་ཐེབས་ཤིང་། དེ་ནས་ཧྥ་རན་སིའི་གཞུང་གིས་ཨ་མི་རི་ཀར་བཅའ་སྡོད་གཞུང་ཚབ་པ་ཕྱིར་འཐེན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ཨ་རི་དང་ཧྥ་རན་སིའི་འབྲེལ་བ་སྡུག་ཏུ་ཕྱིན་པའི་འགལ་ཟླ་སེལ་ཐབས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་འབྱུང་ཐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་གཟའ་འཁོར་འདིར་ཧྥ་རན་སིར་ཕེབས་ཡོད་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG