ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཚོང་ལས་སྡེ་ཚན་ལ་དཔྱ་ཁྲལ་འགེལ་རྒྱུར་སྤྱི་མཐུན་ཚོགས་པས་ངོ་རྒོལ།


༄༅།། གཟའ་སྤེན་པའི་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་འཇེ་ནེ་ཊི་ཡེ་ལཱེན གྱིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་དཔལ་འབྱོར་བློན་ཆེན་ཚོར་འཛམ་གླིང་གི་ཚོང་ལས་ཆེ་ཁག་ལ་ཉུང་མཐའི་དཔྱ་ཁྲལ་འགེལ་དགོས་པའི་གྲོས་འགོ་བཏོན་ཏེ་མོས་མཐུན་དང་གྲོས་འཆམ་བྱུང་མོད། འོན་ཀྱང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་མཐོ་རིམ་འཐུས་མི་འགའ་ཞིག་གིས་གྲོས་མཐུན་དེར་དགག་པ་རྒྱག་རྒྱུའི་སྔོན་བརྡ་གཏོང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG