ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་ནང་ཆོས་ལུགས་རང་དབང་ཡོད་མེད་ཉམས་ཞིབ་བྱེད་མཁན་ ཨ་རིའི་ལྷན་ཁང་དེ་ཡིས།་ད་ལོའི་སྙན་ཐོ་དེ་ཕྱི་ཟླ་ལྔ་པའི་ཚེས་༢ཉིན་འདོན་སྤེལ་བྱས་ཡོད་པ་དེའི་ནང།་་ན་ནིང་ཕྱི་ལོ་༢༠༡༥་ལོར་ཆོས་དད་རང་དབང་ཡོད་མེད་ཐད་ཀྱི་སྙན་ཐོ་འདོན་སྤེལ་བྱས་པ་ནས་བཟུང་འདས་པའི་ལོ་གཅིག་གི་རིང་ རྒྱལ་སྤྱིའི་ནང་ཆོས་དད་རང་དབང་ལ་བརྩི་འཇོག་དང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་མེད་པ་མ་ཟད། རྒྱ་ནག་ལྟ་བུའི་ནང་གྲངས་ཉུང་ཝི་གུར་མི་རིགས་དང་།བོད་མིའི་ཆོས་དད་རང་དབང་ལ་རྒྱ་གཞུང་གིས་དམ་དྲག་དང་བཀག་འགོག་མུ་མཐུད་ནས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་གསལ་སྟོན་བྱས་ཡོད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལ་བརྩི་མེད་ རྡོག་རོལ་གཏོང་གི་ཡོད་པིའི་སྐོར་གྱི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེའི་སྐོར་གསན་རོགས་གནང་།

XS
SM
MD
LG