ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༢/༡༧

ཏོག་དབྱིབས་ནད་དུག་ཐད་རྒྱ་ནག་དང་མཉམ་ལས་གྲ་སྒྲིག་ཡོད་སྐད།


༄༅།། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྐབས་སུ་འཛམ་གླིང་ཀུན་ཁྱབ་ཀྱི་ནད་ཡམས་འདིར་གདོང་ལེན་བྱེད་པར་དཔུང་བ་མཉམ་འབྲེལ་བྱ་རྒྱུ་ཡིན་པ་དང་། ཨ་མེ་རི་ཀས་རྒྱ་ནག་དང་མཉམ་ལས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་མཇུག་སྒྲིལ་ཏེ་དཔལ་འབྱོར་བསྐྱར་གསོ་བྱ་དུན་ཡོད་པར་བརྗོད་ཡོད། ཡིན་ན་ཡང་ཉམས་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གཉིས་བར་དུ་ནད་ཡམས་ཐད་མཉམ་ལས་བྱ་རྒྱུའི་ནུས་པ་ཡོད་མེད་ལ་དོགས་སློང་བྱེད་བཞིན་འདུག

ཏོག་དབྱིབས་ནད་དུག་འཛམ་གླིང་ཀུན་ཁྱབ་ཏུ་གྱུར་བ་ནས་འདུ་འཛི་ཟང་ཟིང་ཆེ་བའི་འཛམ་གླིང་གི་གྲོང་ཁྱེར་ཆེ་མ་ཆུང་གསུམ་དུ་མི་མེད་གྲོག་རོང་ལྟ་བུ་གྱུར་ཡོད་ཅིང་། ཨི་་ལི་དང་ཨ་རིའཇར་མན་བཅས་ནི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཁྲོད་ནས་ཏོག་དབྱིབས་ནད་དུག་གིས་གནོད་སྐྱོན་ཐེབས་ས་ཆེ་ཁག་ཡིན་པ་རེད།

ཨ་རི་དང་དབྱིན་ཇིཁེ་ནཱ་ཌཧྥ་རན་སིའཇར་མནཨི་་ལི། ཉི་ཧོང་བཅས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་G7ཞེས་པའི་ལོ་རེའི་ཚོགས་ཆེན་དེ་གཟའ་འཁོར་འདིར་འཚོགས་གཏན་འཁེལ་ཡོད་ཀྱང་ཏོག་དབྱིབས་ནད་དུག་ལ་བརྟེན་གཟའ་ལྷག་པའི་ཉིན་དྲ་ལམ་ནས་བརྙན་པར་རྒྱུད་ཚོགས་ཆེན་དེ་ཚོགས་ཡོད

གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱི་སྲིད་ལས་ཁུངས་སུ་གསར་འགོད་གསལ་བསྒྲགས་སྤེལ་བ།
གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱི་སྲིད་ལས་ཁུངས་སུ་གསར་འགོད་གསལ་བསྒྲགས་སྤེལ་བ།


དེའི་རྗེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱེ་ཁེ་པཱེམ་ཕོ་ཡིས་གསར་འགོད་པ་ཚོར་བརྗོད་རྒྱུར།

འདི་ནི་གོ་ལ་ཀུན་ཁྱབ་ཀྱི་ནད་ཡམས་ཤིག་རེདནད་ཡམས་མཇུག་སྒྲིལ་ཐབས་དང་ཚེ་སྲོག་མང་པོ་ཤོར་མི་དགོས་པའི་སྐྱོབ་ཐབས། བདེ་ཐང་ཅན་མང་དུ་ཡོང་ཐབས་བཅས་ཀྱི་ཆེད་དང་། དེ་ནས་ཝུ་ཧན་ནད་དུག་གིས་ཁྱེར་ཡོང་བའི་དཔལ་འབྱོར་ཉམས་རྒུད་བསྐྱར་གསོ་བྱ་རྒྱུ་བཅས་ནི་རྒྱ་ནག་ཚུད་པའི་རྒྱལ་ཁབ་གང་རུང་དང་མཉམ་དུཨ་མ་རི་ཀས་མཉམ་ལས་བྱ་དུན་ཡོད

རྒྱ་ནག་གིས་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་བར་གྲུབ་འབྲས་ལྡན་པ་བྱུང་ཡོད་པར་བཤད་དེ་ད་ལྟ་ཨི་་ལི་ལྟ་བུའི་རྒྱལ་ཁབ་གཞན་དུ་སྨན་བཅོས་རོགས་སྐྱོར་སྤེལ་ཏེ། འཛམ་གླིང་འདིའི་ནང་དུ་ཨ་རིའི་སྟོབས་ཤུགས་ཀྱི་སྣེ་ཁྲིད་པའི་ཚབ་ལ་རྒྱ་ནག་གིས་ཨ་རིའི་བ་མཚོན་བྱེད་དེ་ཨ་རིར་འགྲན་སློང་བཞིན་པ་རེད་འདུག

རྒྱ་ནག་དང་ཨ་རིའིབར་གྱི་ཕྱི་སྲིད་འབྲེལ་ལམ་དེ་ཏོག་དབྱིབས་ནད་དུག་མ་བྱུང་བའི་སྡོན་ནས་ཇེ་སྡུག་ལ་སོང་ཡོད་པ་དེ་ལྟར་སིངྒ་པིར་རྒྱལ་ཁབ་གཙུག་ལག་སློབ་གྲྭའི་དགེ་རྒན་ཌེ་རེའུ་ཐོམ་སཱན་གྱིས་(Drew Thompson) ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་རྒྱུར

རྒྱ་ནག་ནས་ཨ་མེ་རི་ཀར་སྨན་གྱི་ཡོ་ཆས་ནང་འདྲེན་བྱ་རྒྱུར་བཀག་སྡོམ་བྱས་པ་ནསརིམ་བཞིན་རྒྱ་ནག་དང་ཨ་རིའི་ཆེས་མཐོའི་དཔོན་རིགས་བར་དུ་ད་ལྟ་ད་དུང་ཕལ་ཆེར་འབྱུང་ཁུངས་ཁ་གསལ་མེད་པའི་ཏོག་དབྱིབས་ནད་དུག་ཐད་ལཁ་དམག་བྱུང་བཞིན་པ་བཅས་རྒྱལ་ཁབ་གཉིས་བར་གྱི་འགལ་ཟླ་འདི་རྒྱུན་སྐྱོང་ངེས་པ་དང་གཅིག་བྱེད་ན་ད་དུང་འདི་ལས་ཇེ་སྡུག་ལ་འགྲོ་སྲིད་པ་རེད།

གཟའ་ལྷག་པའི་ཉིན་ལ་རྒྱལ་ཁབ་བདུན་དེའི་ཕྱི་སྲིད་བློན་ཆེན་ཁག་ལྷན་ཚོགས་སྐབས་འཛམ་གླིང་ཀུན་ཁྱབ་ཀྱི་ནད་ཡམས་དབྱིན་སྐད་དུ་ COVID-19ཞེས་པའི་ཏོག་དབྱིབས་ནད་དུག་ལ་མཉམ་འབྲེལ་གདོང་ལེན་བྱ་རྒྱུ་དང་། རྒྱལ་ཁབ་སོ་སོའི་མི་སེར་རྒྱལ་ཁབ་གཞན་དུ་ཡོ་པ་ཕྱིར་རང་གནས་སུ་ལེན་རྒྱུ་དང་སྲུང་སྐྱོབ་བྱ་རྒྱུ། དཔལ་འབྱོར་ཉམས་ཉེས་བསྐྱར་གསོ་བཅས་ལ་མཉམལས་བྱ་རྒྱུ་ཡིན་པར་བརྗོད་པ་ལསརྒྱུན་སྲོལ་ལྟར་ཚོགས་ཆེན་རྗེས་སུ་མཉམ་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་མེད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ཚོགས་འདུའི་སྐབས་སུཝུ་ཧན་གྱི་ནད་དུགབཅས་མིང་འབོད་སྟངས་ཐད་ལ་ལྟ་ཚུལ་མ་མཐུན་པ་བྱུང་བས་ཡིན་པ་རེད

དེ་དང་ཕྱོགས་མཚུངས་གཟའ་ཕུར་བུའི་ཉིན་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་སྐབས་སུ་མགྲིན་ཚབ་པ་ཀིན་ཧྲང་གིས་གསར་འགོད་པ་ཚོར། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱེ་ཁེ་པཱེམ་ཕོ་ཡིས་ཝུ་ཧན་གྱི་ནད་དུག་ཅེས་ཆེད་དུ་རྒྱ་ནག་ནག་པོ་བཟོ་ཐབས་ཀྱི་གཏམ་སྤྱོད་ཉེན་ཁ་ཅན་སྤེལ་ཚུལ་དང་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲུབ་འབྲས་ལ་ངོས་ལེན་བྱ་འདོད་མེད་པའི་བྱ་སྤྱོད་སྤེལ་བཞིན་འདུག་ཅེས་ཨ་མེ་རི་ཀར་སྐྱོན་བརྗོད་བྱས་སོང་།

XS
SM
MD
LG