སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མིཏྲི་རོམ་ནི་ལ་རེས་གཟའ་མིག་དམར་གྱི་དགོང་མོ་ཨ་རིའི་རྒྱལ་སའི་མངའ་ཁུལ་དང་མངའ་སྡེ་གཞན་གསུམ་གྱི་ནང་རྒྱབ་སྐྱོར་ཤུགས་ཆེ་བྱུང་བའི་སོན་རྗེས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ངེས་རྒྱུར་རེ་བ་ཆེ་རུ་སོང་ཡོད་ཀྱང་།ཁོང་གི་ཁ་གཏད་སྐུ་ཞབས་སེན་ཀྲོརམ་གྱིས་འོས་མི་འགྲན་ཙོད་ནས་ཕྱིར་འཐེན་གནང་རྩིས་མེད་པའི་སྐོར། འདི་གའི་གསར་འགོད་པ་ཕཱ་ཊི་ནན་དྲེ་ཡིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།